寻光

旺姆( Tsyten wam )

作词:旦确
作曲:周以力

ཕྲུ་གུ་མ་བསམ་ཕ་མ་ཡོད་མི་སྲིད།
ཕ་མ་མ་དྲན་ཕྲུ་གུ་ག་ལ་ཡོད།

ཕྲུ་གུའི་སེམས་ཀྱི་བརྟེན་ས་ཕ་མ་ཡིན།
ཕ་མའི་སེམས་པ་ཆག་ས་ཕྲུ་གུ་ཡིན།

བརྐུས་སོང་། ངའི་བུ་ཆུང་བརྐུས་སོང་།
བརླག་སོང་། ངའི་སེམས་པ་བརླག་སོང་།

བརྩེ་བའི། ང་ཡི་བུ་ཆུང་། ཨ་མའི་ནོར་བུ།
དྲན་བྱུང་། ངའི་བུ་ཆུང་དྲན་བྱུང་།
ཕ་མ། དྲིན་ཆེ་བའི་ཕ་མ། བྱམས་བརྩེ་ཡི་ཕ་མ།
ལོག་ཤོག ཨ་མའི་ནོར་བུ།
ཨ་མ་ཡི། སྙིང་གི་བུ་ནོར་བུ།

ཕ་མ་བཟང་པོ། དྲིན་ཆེན་ཉི་མ།
ཉི་མ་མེད་ན། དྲོ་སྐྱིད་ཡལ་སོང་།
ཕ་མ་བཟང་པོ། དཀར་གསལ་ཟླ་བ།
ཟླ་བ་མེད་ན། མུན་ནག་འཐིབ་བྱུང་།

མ་བུ་མཉམ་འཛོམ། བདེ་སྐྱིད་ངོ་མ།
ཕྲུ་གུ་བརླག་ན། ཕ་མ་སྐྱོ་བྱུང་།
ཕ་མ་བྲལ་ན། ཕྲུ་གུ་སྐྱོ་སོང་།
མ་བུ་མཉམ་འཛོམ། བདེ་སྐྱིད་ངོ་མ།


歌曲:寻光
演唱:旺姆( Tsyten wam )
作词:旦确
作曲:周以力